རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6100ཟིན་སའི་འཁྱགས་སྙིང་འབིགས་པ། 

ཟླ9པའི་ཚེས11ཉིན་གྱི་དགོང་མོ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཞིབ་འཇུག་པ་ཞུས་པའེ་ཆིང་གིས་སྣེ་ཁྲིད་པའི་ཚན་རིག་རྟོག་ཞིབ་ཚོགས་པས་བུ་རོགས་གངས་རིའི་འཁྱག་རོམ་གྱི་ས་བབ་མཐོ་ཚད་སྨི6100ཟིན་པའི“Dome.C”མཚམས་སུ་འཁྱགས་སྙིང་འབིག་འགོ་བརྩམས་ཡོད།

བུ་རོགས་གངས་རིའི་འཁྱགས་རོམ་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་ཤིང་། རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཏེ། བོད་ལྗོངས་མཚོ་གཉིས་རྫོང་གི་བྱང་ཤར་གྱི་སྤྱི་ལེ90ཙམ་གྱི་སར་གནས་ཡོད། དེ་ནི་འཛམ་གླིང་ཐོག་ས་མཐོའི་འཁྱག་རོམ་གྱི་དཔེ་མཚོན་ཞིག་ཡིན་པ་དང་། ཕན་ཚུན་འབྲེལ་བའི་འཁྱགས་རིམ་མང་པོ་ཞིག་ལས་གྲུབ་ཡོད་ལ། འཁྱགས་གཞིའི་ལྟེ་གནས་ནས་མཐའ་འཁོར་གྱི་རི་ལུང་ཁག་ལ་འཁྱགས་ཀླུང50ལྷག་མཆེད་ཡོད་པ་དེ་ནི་འཕྲེད་ཐིག་དམའ་བ་དང་ཏུའུ་གྲངས་ཆེས་ཆེ་བའི་འཁྱགས་ཀླུང་རེད།

ད་ཐེངས་ཀྱི་འཁྱགས་སྙིང་འབིགས་པའི་ལས་དོན་ནི་འདི་ལོའི་ཟླ8པར་འགོ་ཚུགས་པའི་མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་“ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་-‘སྔར་ཡོད་གཅིག་དང་། མཚེའུ་གཉིས། གཙང་པོ་གསུམ་’བཅས་ཀྱི་མཚོན་རྟགས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོའི་”གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། 2000ལོའི་འཁྱགས་རོམ་རིག་པའི་མཁས་ཅན་ཡོའན་ཧྲི་ཡའོ་ཐན་ཏུང་གིས་རུ་སྣེ་འཁྲིད་དེ་འདི་གར་འཁྱགས་སྙིང་འབིགས་རྒྱུ་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱས་རྗེས། བུ་རོགས་གངས་རིའི་འཁྱགས་ཁུངས་སུ་འཁྱགས་སྙིང་འབིགས་པའི་ལས་དོན་ཐེངས་གཉིས་པ་སྤེལ་བ་ཞིག་ཀྱང་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号